Machik Khabda
  • The Series
    • Resettlement
    • Redefining Srinmo
    • Anu Ranglug
    • Valley of the Heroes
    • Pekar Retrospective
    • Enticement
  • Khabda Blog
  • Donate

Machik Khabda Blog

Welcome to the Machik Khabda Blog where we are sharing notes, thoughts and insights from local Khabdas around the world!  All opinions expressed are those of the bloggers, unless noted otherwise. 

ཁ་བརྡ་ཐེངས་གསུམ་པའི་མྱོང་ཚོར།

6/28/2019

1 Comment

 
Picture
Khabda 3 group in Chicago
ཨ་རིའི་གྲོང་ཁྱེར་ཅི་ཀ་ཀོ་ནས་ཁ་བརྡ་བ་བསྟན་འཛིན་རབ་དགའ་ནས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་ཨ་རིའི་མངའ་སྡེ་ཨི་ལི་རྣོའི་གྲོང་ཁྱེར་ཅི་ཀ་ཀོར་མ་གཅིག་ཁ་བརྡ་ཐེངས་གསུམ་པ་དེ་ཚོགས་རྒྱུའི་གོ་སྐབས་འབྱུང། དེར་མཉམ་ཞུགས་གནང་མཁན་མི་གྲངས་ ༡༥ ཙམ་ཕེབས་སོང་ལ་འདི་ནི་སྔར་གྱི་ཁ་བརྡ་ལས་ལྡབ་བཞིའི་མང་བ་ཡིན་པའི་དགའ་འཚོར་ཆེན་པོ་འབྱུང། ཐེངས་འདིའི་ཁ་བརྡའི་བརྗོད་གཞི་ནི་མཁར་བྱམས་རྒྱལ་གྱིས་བཟོ་བསྐྲུན་གནང་པའི་གློག་བརྙན་ “དཔའ་བོའི་ལུང་པ” ཞེས་པ་དེ་རེད། གློག་བརྙན་འདིའི་བརྗོད་བྱ་སྙིང་པོ་ནི་བོད་མདོ་སྨད་བྱང་ཤར་ཁུལ་དུ་ཡོད་པའི་དཔའ་བོའི་ལུང་པའི་ཡུལ་མིས་མྱོང་བཞིན་པའི་བོད་ཀྱི་སྐད་ཡིག་དོར་རླག་ཏུ་འགྲོ་བའི་ཛ་དྲག་གི་གནས་སྟངས་ཀྱི་སྐོར་ལ་ཡིན། ཡུལ་དེར་ཕ་མེས་ཀྱི་དུས་སུ་ཕལ་ཆེར་བོད་རིགས་མང་ཡང། དེང་སྐབས་བོད་རིགས་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་ཡོད་སྟབས། རྒྱ་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་དམིགས་བསལ་གྱི་རོགས་རམ་དང་མཐུན་རྐྱེན་གང་ཡང་མི་གནང་བས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་གོམས་སྲོལ་རིམ་བཞིན་མེད་དུ་སོང་བའི་ཉེན་ཁ་ཤུགས་ཆེན་ཡོད་པ་ནི་དངོས་གསལ་བདེ་པོ་རེད། དེ་མིན་ལུང་ཁུགས་དེའི་སྡོད་མི་ཕལ་ཆེ་བ་ཁ་ཆེ་ཡིན་པ་དང་གློག་བརྙན་འདིའི་རྒྱུད་བོད་རིགས་ཁ་ཆེའི་སྐོར་ཤེས་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཐོབ་བྱུང་དྲན། 

གློག་བརྙན་འདི་བལྟས་ཟིན་རྗེས་འཛོམ་ཞུགས་གནང་མཁན་ཚོའི་ཁྲོད་དུ་མྱོང་ཚོར་དང་བསམ་འཚུལ་འདྲ་མིན་སྣ་ཚོགས་འབྱུང་སོང། ཁ་ཅིག་གིས་ཧ་ལས་པའི་གནས་ཚུལ་ལ་དེ་འདྲའི་ཡུལ་ཁུགས་དེའི་བོད་རིགས་རྣམས་ལ་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་འཕྲད་པའི་དཀའ་ངལ་དང་ཨ་རི་གཙོས་ནུབ་ཕྱོགས་པའི་ས་ཁུལ་དུ་འཚོ་གནས་བཞིན་པའི་བོད་རིགས་རྣམས་ཀྱི་དཀའ་ངལ་ཤིན་ཏུ་མཚུངས་པར་མཐོང། དེ་མིན་ཁ་ཤས་ཀྱིས་ནམ་རྒྱུན་དུ་ནས་ཕལ་མོ་ཆེའི་སྣང་ཚུལ་ལ་བོད་པ་ཞེས་པ་དེ་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་བྱེད་མཁན་གྱི་བོད་རིགས་གཉིས་དོན་གཅིག་ཡིན་པར་ཤར་པ་ཡོད་ཀྱང། གནས་ཚུལ་དུ་བོད་རིགས་ཁྲོད་དུ་ཡང་ཁ་ཆེ་དང་བོན་པོ་བཅས་ནང་པ་མ་ཡིན་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཡོད་པ་ཤེས་རྒྱུ་གལ་ཆེ་དྲན། 

དེ་རིང་གི་ཁ་བརྡ་འདིར་ཕེབས་མཁན་གཞོན་སྐྱེས་ཁ་ཤས་ཀྱིས་རང་ལ་བོད་པ་ཡིན་པའི་འདུ་ཤེས་དང་འཚོར་སྣང་ཤུགས་ཆེན་ཡོད་སྐོར་བཤད་སོང། ཁོང་ཚོས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཉམས་རྒུད་འགྲོ་བཞིན་ཡོད་པ་དང། འདི་ཉིད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུའི་ཐབས་ལམ་མི་འདྲ་བ་འཚོལ་རྒྱུ་ཤིན་ཏུ་གལ་ཆེར་མཐོང། 
​

དེ་མིན་ང་ཚོས་སྤྱིར་བཏང་སྐད་ཡིག་དང་རྒྱལ་ཁབ་གཅིག་གི་ངོ་བོའི་བར་གྱི་འབྲེལ་བའི་སྐོར་མང་ཙམ་གླེངས་པ་ཡིན། བོད་སྐད་ལྟ་བུར་དཔེ་བཞག་ན་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་ནམ་རྒྱུན་དུ་ནས་བཤད་ཀྱི་ཡོད་ཀྱང། ང་ཚོས་གླེང་མོལ་དེ་ཆ་ཚང་དབྱིན་སྐད་ཐོག་བྱེད་པ་ཡིན་ཡང་ང་ཚོར་བོད་པ་ཡིན་པའི་འདུ་ཤེས་དང་མི་རིགས་གཅིག་པའི་འཚོར་སྣང་སླུ་བ་མེད་པ་ཞིག་ཏན་ཏན་རང་རྒྱུད་ལ་སྐྱེད་འབྱུང། 

མཐའ་མར་ཁ་བརྡའི་མཇུག་སྡོམ་དུ་སྔར་གཏོང་བའི་དྲི་བར་ལན་འདེབས་རྒྱུ་ཕར་བཞག་དེ་ལས་ལྷག་པའི་དྲི་བ་མང་པོ་ཞིག་སེམས་ལ་གསར་དུ་འཁོར་འབྱུང། འདི་ནི་ཤེས་ཡོན་དོན་མཉེར་ཅན་དང་རིགས་པའི་རྗེས་དྲངས་པའི་བདེན་པ་འཚོལ་ཐབས་ཀྱི་ལམ་གྱི་རང་བཞིན་ཡིན་པ་འདྲ། བཅས་དེ་འདྲ་བའི་གནད་དོན་མང་པོར་བསམ་གཞིག་བྱེད་རྒྱུའི་གོ་སྐབས་བཟང་པོ་དེ་ཐོབ་པར་དགའ་འཚོར་དང་སླར་ཡང་མཉམ་འཛོམས་བྱེད་རྒྱུ་ཡོང་བའི་རེ་སྨོན་ཤུགས་ཆེན་བྱེད་བཞིན་ཡོད། 
Written by Tenzin Rabga, MK Chicago Host 

We had a very vibrant and thought-provoking discussion following the screening of the film “Valley of the Heroes” by Khashem Gyal. Beginning with the subject matter of the film and the issues and themes addressed therein, our discussions branched out on to a variety of topics ranging from the role of language in our community, to the ways in which we can assure its preservation. 

Many of the participants were struck by the similarities of the challenges faced by the residents of the Hualong community in tackling the loss of Tibetan language, and the ones faced by the communities here in the US and elsewhere in the diaspora. Despite the stark differences in the life style and the socio-economic situations, both of these communities are faced with the same fundamental threats of the inevitability of the loss of spoken and written Tibetan. We also delved into more fundamental explorations of the role of language in the formation of individual as well as communal/national identities. Clearly, ours appears to be inseparably tied to our culture and the notion of being a Tibetan, yet it was worth noting that we had the entirety of our discussions in English while still retaining a sense of shared community. 

​
We also touched upon the deep connections between religion and our identities, how most of us think of ourselves as Tibetan Buddhist and how being Tibetan is almost synonymous with being Buddhists. However, as we saw in the film, there are others in our community, minorities who are not Buddhists, with an undeniable sense of Tibetan-ness. 

Our discussions naturally led us into practical issues of ways in which to ensure that Tibetan language is preserved and passed on to the next generations of Tibetans born in exile, particularly in the west. Many of the younger individuals in attendance shared their experiences of benefits of immersing themselves in the community and spending prolonged times in Tibetan societies in order to retain their language usage and abilities. Amongst the slightly older individuals there was an imminent sense of urgency and uncertainty regarding ways to introduce and instill a sense of appreciation for the Tibetan language in their children. 

As with many such discussions surrounding fundamental issues of personal and communal identities, we were left with more questions to ponder than with answers to seek solace in. However, we were all very encouraged by the initiative and the eagerness with which we were able to gather and have this very intimate and candid discussion about issues of shared concern and importance. Of the many suggestions and opinions, we felt that it was important, as we navigate these terrains both individually and as a group, to try and carve out our own paths and reach our own realizations as to the importance of Tibetan language and culture, and find conducive ways to ensure its preservation for the generations yet to come. 

1 Comment
Jason Johnson link
10/19/2022 11:04:03 pm

Back son book church west television style.
Cold identify everything paper style interview. Building book myself difference cell top lot.
Cost ground black believe. Control become test most nice.

Reply



Leave a Reply.

    Archives

    April 2020
    March 2020
    August 2019
    June 2019
    May 2019
    April 2019

      Subscribe to Machik Khabda!

    Subscribe to Newsletter

CONTACT

ADDRESS

Machik
​1203 K Street NW
​Washington, D.C
USA 20005

PHONE

202-536-4858

EMAIL

info@machik.org
  • The Series
    • Resettlement
    • Redefining Srinmo
    • Anu Ranglug
    • Valley of the Heroes
    • Pekar Retrospective
    • Enticement
  • Khabda Blog
  • Donate